ལོ་ཙྰ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ།

སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

བི་མ་ལ་ཨུཥྣྰི་ཥའི་གཟུངས་དང་རྒྱུད་དག་པ་ལས་ཙེ་ཏྱ་དང་སྰ་ཙྪ་གདབ་པ་སོགས་པའི་ཆོ་ག་ཨྰ་ཙྰརྱ་ངྷརྨ་ཀྰི་རྟི་དང་། བཛྲ་ཀྰིརྟི་དང་། བཛྲ་བོ་ངྷི་ལ་སོགས་པ་ལ་ཐོས་ནས་སློབ་དཔོན་དེ་དག་གིས་ལུང་བསྟན་ཏེ་གཏན་ལ་ཕབ་པར་བྱས་པའི་དང་པོ་མཆོད་རྟེན་བརྒྱ་རྩ་བརྒྱད་བྱ་བ། མཆོད་རྟེན་གཅིག་གདབ་པའི་ཆོ་ག མཆོད་རྟེན་གཉིས་གདབ་པའི་ཆོ་ག མཆོད་རྟེན་གསུམ་གདབ་པའི་ཆོ་ག མཆོད་རྟེནབཞི་་གདབ་པའི་ཆོ་ག   མཆོད་རྟེནལྔ་གདབ་པའི་ཆོ་ག   མཆོད་རྟེན་དགུ་གདབ་པའི་ཆོ་ག        མཆོད་རྟེན་བྱེ་བ་གདབ་པའི་ཆོ་ག   སངས་རྒྱས་ཀྱི་སྐུ་བཤད་པ་རྣམས་བཙན་པོའི་ཕྱག་ནས་མཁན་པོས་བཏུས་པ། མཆོ་རྟེན་གྱི་ཆ་རྣམ་པར་དབྱེ་བ་འདུལ་བ་ལས་བྱུང་བའི་མདོ་སློབ་དཔོན་ཞི་བ་སྙིང་པོས་མཛད་པ། དེ་བཞིན་གཤེགས་་ཐམས་ཅད་ཀྱི་དམ་ཚིག་བསྲུུང་བའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་དྰི་པཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ།   འཕགས་མ་སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཉིས་པ། འཕགས་པ་སྒྲོལ་མའི་བསྟོད་པ་ཕྲིན་ལས་ཐམས་ཅད་སྒྲུབ་པ། འཕགས་མ་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་བ། འཕགས་མ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྟོད་པ། འཕགས་པ་འཇིགས་པ་བརྒྱད་ལས་སྐྱོབ་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་རྣམས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། བོད་ཀྱི་ལོ་ཙྰ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་པ་ལས། སླད་ཀྱིས་བོད་ལོ་ཙྰ་བ་མལ་གྱོ་བློ་གྲོས་གྲགས་པས་བཅོས་པ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲུབ་ཐབས་དང་། འཕགས་མ་སྒྲོལ་མ་ལ་བསྟོད་པ་དྰི་པཾ་ཀྰ་ར་ཤྲྰི་ཛྙྰ་ནས་མཛད་པ། གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་བ་སློབ་དཔོན་ཛྙྰ་ན་ཀ་རས་མཛད་པ། གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་བའི་འགྲེལ་བ་པཎྡི་ཏ་ཨྰ་ཙྰརྱ་ཛྙྰ་ན་ཨ་ཀ་རས་མཛད་པ། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ་མཁས་པ་ཆེན་པོ་དྰིཔཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། ཚོགས་ཀྱི་བདག་པོ་གསང་བའི་སྒྲུབ་ཐབས་ཞེས་བྱ་བ་དཔལ་དངོས་གྲུབ་བརྙེས་པའི་པཎྡི་ཏ་ཨ་མོ་གྷ་བཛྲས་མཛད་པ། ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ་པཎྡི་ཏ་དྰིཔཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། ཚོགས་ཀྱི་བདག་པོ་སྤྲིན་གྱི་སྒྲོན་མེའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྣམས། ཆབ་གཏོར་དྲི་མ་མེད་པའི་གཞུང་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཉི་ཁྲི་ལེ་བརྒྱད་མར་གྲགས་པ་བམ་པོ་བདུན་ཅུ་རྩ་བཞི་བ། བལ་ཡུལ་ཡམ་བུའི་བསོད་ནམས་རྒྱུན་འབྱུང་གི་གཙུག་ལག་ཁང་དུ་བསྒྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་ཞེས་བྱ་བ་དཔལ་ཤྰནྟི་པའི་སློབ་མ་སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་དགེ་སློང་ལེགས་པའི་ཤེས་རབ་ཀྱིས་སློབ་དཔོན་མར་མེ་མཛད་དཔལ་ཡེ་ཤེས་ལ་གསོལ་བ་བཏབ་ནས་ལེགས་པར་བཤད་པ། དབུ་མ་འཁྲུལ་བ་འཇོམས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨྰ་རྱ་དེ་ཝས་མཛད་པ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ་དང་། དབུ་མའི་སྙིང་པོ་འགྲེལ་བ་རྟོག་གེ་འབར་བ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་བམ་པོ་ཉི་ཤུ་རྩ་བདུན་པ་དང་། དབུ་མའི་དོན་བསྡུས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་དང་། བསྔོ་བའི་ལེའུའི་དཀའ་འགྲེལ་མཛད་བྱང་འགྱུར་བྱང་མེད་པ་གཅིག བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་ཏུ་བསྡུས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ་གསེར་གླིང་གི་བླ་མ་ཆོས་སྐྱོང་ལ་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་དང་། དྰི་པཾ་ཀ་ར་ཤྲྰི་ཛྙྰ་ནས་གསོལ་བ་བཏབ་ནས་མཛད་པ། དྲན་པ་གཅིག་པའི་མན་ངག་དང་། དབུ་མའི་མན་ངག་ཅེས་བྱ་བ་པཎྡི་ཏ་ཤེས་རབ་ཐར་པས་མཛད་པ། འདི་ནི་ལྷ་ས་འཕྲུལ་སྣང་དུ་བསྒྱུར། དབུ་མའི་མན་ངག་ཅེས་བྱ་བའི་འགྲེལ་བ་པཎྡི་ཏ་ཤེས་རབ་ཐར་པས་མཛད་པ། མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ཞེས་བྱ་བ་ལུང་གི་ཚད་མས་རབ་ཏི་སྦྱར་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཤློོ་ཀ་སུམ་སྟོང་ལྔ་བཅུ་རྩ་གཅིག་པ་ཞེས་བྱ་བ་བླ་མ་གསེར་གླིང་བས་མཛད་པ། བྱང་ཆུབ་ལམ་གྱི་སྒྲོན་མེའིོ་དཀའ་འགྲེལ་ཞེས་བྱ་བ་བྷངྒ་ལའི་རྒྱལ་པོའི་རིགས་རྒྱུད་དགེ་སློང་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དྰི་པཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། སྙིང་པོ་ངེས་པར་བསྡུས་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་ལམ་ལ་འཇུག་པ་བསྟན་པ་རྣམས་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སྤྱོད་པ་བསྡུས་པའི་སྒྲོན་མ་རྣམས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། སྐྱབས་འགྲོ་ཡན་ལག་དྲུག་པ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། ལྟུང་བ་བཤགས་པའི་ཆོ་ག་ཐམས་ཅད་ཡོད་པར་སྨྲ་བའི་པཎྡི་ཏ་དེ་ཝ་ཤྰནྟིས་མཛད་པ། ལྟུང་བར་བཤགས་པའི་ཆོ་ག་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་གའི་བཤད་པ་ཞེས་བྱ་བ་སློབ་དཔོན་དྰི་པཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། ཕུང་པོ་གསུམ་པའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཀྲི་ཥྣ་པས་མཛད་པ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་བ་གྲགས་པའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་འཕགས་པ་བྱམས་པས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་པ་ལ།   སླད་ཀྱིས་ཞུས་ཆེན་གྱི་ལོ་ཙྰ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམ་ཐོ་ལིང་གི་གཙུག་ལག་ཁང་དུ་གཏན་ལ་ཕབ་པ། བྱང་ཆུབ་སེམས་དཔའི་སའི་འགྲེལ་བ་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་ཆད་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་སའི་འགྲེལ་བ་ལས་ཇི་སྙེད་འགྱུར་བ། རྣམ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་མཛད་པ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ་བསྟན་བཅོས་ཕུལ་ཏུ་བྱུང་བ་དུ་མ་མཛད་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། འདི་ནི་ཡུལ་བྲག་དམར་ལྷ་སྡངས་རི་ཁས་པོ་རིའི་རྩ་ཆུ་བོ་ལོ་ཧི་ཏའི་འགྲམ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་དབྱིག་འདུལ་པེ་དཀར་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།   འདི་ལ་ཤློོ་ཀ་ནི་ཉིས་སྟོང་ཆིག་བརྒྱ་བརྒྱད་བཅུ། བམ་པོ་ནི་བརྒྱད་དུ་བྱས་སོ།   ། དགེ་སློང་གི་དང་པོའི་ལོ་དྲི་བ་དཔལ་ར་སའི་གཙུག་ལག་ཁང་གི་འོད་མཆོག་དངོས་གྲུབ་ཀྱི་གཙུག་ལག་ཁང་དུ་བསྒྱུར། སྡེ་བ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་སློབ་དཔོན་བྷ་བྱས་མཛད་པ། འདི་ནིར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བསྒྱུར། ཆེད་དུ་བརྗོད་པའི་གཏམ་དྲང་སྲོང་ཆེན་པོ་ཟླ་བས་མཛད་པ། དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག་ཅེས་བྱ་བ་ཀློོ་ཀ་བཞི་བཅུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ་ཇོ་བོ་ཆེན་པོ་དྰི་པཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། ཤེར་ཕྱིན་དོན་བསྡུས་སྒྲོན་མེ་དང་། སྨན་བླའི་སྒྲུབ་ཐབས་པཎྡི་ཏ་དྰི་པཾ་ཀ་ར་ཤྲྰི་ཛྙྰ་ནས་མཛད་པ། བསླབ་པ་ཀུན་ལས་བཏུས་པ་ནས་འབྱུང་བ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་བའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་སློབ་དཔོན་ཞི་བ་ལྷས་མཛད་པ། །

Leave a Reply

Your email address will not be published. Required fields are marked *