ནང་པ་དང་ཚན་རིག་པའི་ཤེས་ཡོན་བརྗེ ་རེས་ཀྱི་ལམ་སྟོན་བཀའ་སློབ།
གཙོ་བོ་སངས་རྒྱས་པའི་ཆོས་སྤྱི་ དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུ ད་འཛིན་མཁན་ཞིག་གི་ངོས་ནས་བལྟས་ ན། རིག་གནས་གསར་པ་འཕྲུལ་ཆས་ལ་སོགས་ པའི་ཚན་རིག་གི་རིགས་ལ་གཏིང་ཟབ་ པོས་སློབ་སྦྱོང་དང་ཞིབ་འཇུག་བྱ་ རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་མཚུངས་ཚན་རིག་པ་དག་ལ་མཚོན་ན། ད་ལྟ་བར་ཞིབ་འཇུག་བྱེད་ཡུལ་གཙོ་ བོ་ནི་ཚད་འཇལ་རྒྱུ་ཡོད་པའི་ཕྱི འི་གཟུགས་ཅན་གྱི་རིགས་ཆགས་ཡོད། ཚན་རིག་པས་ནང་ཤེས་པ་ཞེས་བརྗོད་ ན་མྱོང་ཚོར་དངོས་སུ་མྱོང་གི་ཡོ ད་པ་ཞིག་ལ་བརྩིས་པ་ལས། དངོས་སུ་ཕྱི་དངོས་པོའི་གཟུགས་ ཅན་རིགས་ལ་དཔྱད་ཚུལ་བཞིན་ནང་སེ མས་ཀྱི་འགྲོ་སྟངས་ཐོག་ཞིབ་འཇུག་ བྱས་མེད། དེང་སྐབས་ཚན་རིག་པ་ཚོས་གནའ་རབས་ རྒྱ་གར་གྱི་རིག་གཞུང་ངམ་དཔལ་ནཱ་ ལེནྡྲའི་སྔོན་གྱི་མཁས་པ་དུ་མས་ མཛད་པའི་སེམས་ཁམས་རིག་པ་ཞིབ་ ཚགས་པོ་ཡོད་པ་དེར་ཡིད་དབང་འཕྲོ ག་ནས་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་གཉིས་ཀར་ཕན་ཐོགས་ཡོང་ གི་ཡོད་པ་གསལ་པོ་རེད།
ཕྱི་ལོ་ ༢༠༡༥ ཟླ་བ ༡༢ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་ ཐེག་ཆེན་གླིང་དུ་བཀའ་སྩལ་བ་ལས་ བཏུས་པའོ།།