དཔལ་ནཱ་ལེནྡྲ་དང་། སློབ་གཉེར་གྱི་ལྟེ་གནས།

དཔལ་ནཱ་ལེནྡྲ་དང་། སློབ་གཉེར་གྱི་ལྟེ་གནས།

 

སྤྱིར་གྲུབ་ཆེན་བརྒྱད་ཅུ་རྣམས་བསམ་གྱིས་མི་ཁྱབ་པ་རེད། འོན་ཀྱང་ཡོངས་གྲགས་ཀྱི་ཐོག་ཏུ་ང་ཚོས་སློབ་གཉེར་བྱ་རྒྱུ་ཡོད་པའི་གཞུང་རྣམས་མཛད་མཁན་པཎ་གྲུབ་བཅུ་བདུན་གཙོ་བོར་གྱུར་པའི་མཁས་པ་རྣམས་ཡིན་ཅིང་། ངོས་ནས་པཎ་གྲུབ་བཅུ་བདུན་གྱི་སྐུ་པར་གཞན་ལ་སྤྲད་དེ་འགྲེལ་བཤད་རྒྱག་སྐབས་ནཱ་ལེནྡྲའི་ (Professor) མཁས་དབང་རེད་ཅེས་བརྗོད་ཀྱི་ཡོད་ལ་དོན་ལ་དེ་ལྟར་ཆགས་ཡོད། ང་ཚོའི་རྣ་བར་ནཱ་ལེནྡྲ་ཞེས་ཐོས་མ་ཐག་སློབ་གཉེར་ཁང་ཡིན་པ་ཞིག་བློ་ངོར་འཆར་བ་ལས།
ནཱ་ལེནྡྲ་ཞེས་བརྗོད་སྐབས་དེར་དགེ་འདུན་པ་གང་འཚམ་ཞིག་མཉམ་དུ་ཚོགས་ནས་མང་འགྱེད་བཞེས་ཏེ་ཞལ་འདོན་གནང་ནས་བཞུགས་པ་ཞིག་བློ་ངོར་འཆར་གྱི་མེད། ནཱ་ལེནྡྲ་ཞེས་བརྗོད་མ་ཐག་འཆད་ཉན་བྱེད་ས་ཞིག་དང་། སློབ་གཉེར་གྱི་ལྟེ་གནས་ཤིག་ཡིན་པ་བློ་ངོར་འཆར་གྱི་ཡོད། དེས་ན་ངོས་ནས་ནུབ་ལ་དྭགས་ནས་ཤར་མོན་བར་རྟག་ཏུ་འདི་ལྟར་བརྗོད་ཀྱི་ཡོད། དགོན་པ་ཚང་མས་སློབ་གཉེར་གྱི་ཐོག་ཏུ་ཤུགས་བརྒྱབ་ནས་རིམ་བཞིན་མི་དམངས་ཀྱི་རྣ་བར་དགོན་པ་འདི་དང་འདི་ཞེས་མིང་ཐོས་མ་ཐག་སློབ་སྦྱོང་བྱེད་ས་ཞིག་ཡིན་སྙམ་པ་བློ་ངོར་ཤར་ཐུབ་པ་ཞིག་དགོས་ཞེས་བརྗོད་ཀྱི་ཡོད།[1] ཅེས་བཀའ་སློབ་སྩལ།། །།

 

[1] ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་སྟེང་བོད་ཁྱིམ་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་ཤེས་རབ་སྙིང་པོའི་བཤད་ལུང་བཀའ་དྲིན་བསྐྱངས་པ་ལས་ཟུར་འདོན་ཞུས།

Leave a Reply

Your email address will not be published. Required fields are marked *