༩༽ ལོ་ཙཱ་བ་འབྲོ་ཤེས་རབ་གྲགས།

༩༽ ལོ་ཙཱ་བ་འབྲོ་ཤེས་རབ་གྲགས།

 

བོད་ཀྱི་འབྲོ་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་པ་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། རབ་བྱུང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་། འདུལ་བའི་ཆོས་གཞུང་བཅས་ལ་ལེགས་པར་སྦྱངས། དེ་ནས་ཁ་ཆེ་དང༌། བལ་ཡུལ།

རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་མཁས་པར་སྦྱངས་ཏེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།

སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་དབང་མདོར་བསྟན་པ་དང༌། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལེའུ་ལྔ་པ། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། བསྟན་འགྱུར་ལས། རྡོ་རྗེ་སྙིང་པོའི་འགྲེལ་བ་ཀྱཻ་རྡོ་རྗེའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལེའུ་དྲུག་པ་དང་། དབང་མདོར་བསྟན་པ་རྒྱ་ཆེར་འགྲེལ་པ། ལྷག་པར་དགོངས་པའི་སྐད་ཀྱི་འགྲེལ་པའམ་བཤད་པ་རྣམ་གྲངས་བདུན་གྱི་ལེའུ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་ཡེར་པའི་དབེན་གནས་སུ་བསྒྱུར་བ་སོགས་ཆོས་ཚན་སུམ་ཅུ་སོ་གསུམ་བཞུགས་སོ།།[1]

 

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༦༣

Leave a Reply

Your email address will not be published. Required fields are marked *