༧༽ ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས།

༧༽ ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས།

 

ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་མཆོག་ནི། (སེ་ལོ་ཙཱ་བ།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་དབོན་པོ་ཡིན། ཐོག་མར་བོད་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང༌། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།

ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། ཡོ་ག་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་རྟོག་པ་བཅུ་པ་ལས་རྡོ་རྗེ་མཚན་བརྒྱས་གསོལ་བ་བཏབ་པ་ཡན་ཆད་རྟོག་པ་ཕྱེད་དང་དྲུག་ཡོད་པ་བམ་པོ་བཅུ་གཉིས་པ་དང་། བསྟན་འགྱུར་ལས། སློབ་དཔོན་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། ཡང་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་སོགས་ཆོས་ཚན་སུམ་ཅུ་ལ་ཉེ་བ་བཞུགས་སོ།།[1]

 

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག ༣༢༡

Leave a Reply

Your email address will not be published. Required fields are marked *