༄༅། །འཕགས་པ་ཐོགས་མེད་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན་བཞུགས།

 

༄༅། །འཕགས་པ་ཐོགས་མེད་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན་བཞུགས།[1]

༼གཏེར་ཆེན་རིག་འཛིན་ཉི་མས་ (འཁྲུངས་དུས།1931) མཛད་པ།༽

 

ཨེ་མ་ཧོ༔ གཉིས་འཛིན་བྲལ་བ་ཆོས་ཀྱིས་དབྱིངས༔ འཛིན་རྟོག་བྲལ་བའི་པཎྜི་ཏ༔ ཕྱག་གཡས་ཆོས་འཆད་ཕྱག་རྒྱ་མཛད༔ གཡོན་པས་མཉམ་བཞག་པོ་ཏི་འཛིན༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ རིགས་བདག་བྱམས་པ་མགོན་པོ་ལས༔ བདུད་རྩི་ཆོས་ཀྱི་ཆར་ཆེན་འབེབས༔ ལུང་དང་རྟོགས་པའི་མན་ངག་འཆང་༔ དམ་ཆོས་མངོན་པའི་འཆར་སྒོ་ཕྱེས༔ རིག་ཀློང་ཆོས་ཀྱི་གཏེར་ལ་སྤྱོད༔ དོན་གཉིས་ལྷུན་འགྲུབ་དངོས་གྲུབ་ཞུགས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔ སྐུ་བཞི་ཡེ་ཤེས་ལྔ་ཡི་ངང་༔ མི་སྤྲོ་མི་བསྡུ་རིག་ངོ་སྐྱོང་༔ ཨ་ཨ་ཨཱ༔ ཞེས་མཉམ་པར་བཞག་ཅིང་ཐུན་མཐར་དགེ་བ་བསྔོ་བར་བྱའོ། །འཇམ་སྒྲུབ་ཀྱིས་ངོར་སུརྱའི་མིང་གིས་སོ།།

 

[1] རིག་འཛིན་ཉི་མའི་གཏེར་འབུམ། པོད། ༼ཨ་པ།༽ དབུ་མེད། ཤོག་གྲངས་ ༤༩ ནས་ ༥༨ བར།

Leave a Reply

Your email address will not be published. Required fields are marked *