ནཱ་ལེནྡྲའི་མཁན་རབས་རིམ་བྱོན་གྱི་དཀར་ཆག་དང་མཚན་གཞུང་།

ནཱ་ལེནྡྲའི་མཁན་རབས་རིམ་བྱོན་གྱི་རྣམ་ཐར།

དཀར་ཆག

༡༽ ཏ་ཐཱ་ག་ཏ་བྷ་དྲའམ་སློབ་དཔོན་ཀླུ་བོས།

༢༽ པཎྜི་ཏ་ཟླ་བ་མགོན་པོ། 

༣༽ སློབ་དཔོན་འདུས་བཟང་ངམ་ཁ་ཆེ་དགེ་འདུན་བཟང་པོ།

༤༽ སློབ་དཔོན་ཡོན་ཏན་བློ་གྲོས། 

༥༽ སློབ་དཔོན་དཔལ་ལྡན་ཆོས་སྐྱོང་།

༦༽ བྷ་བི་དེ་ཝ་སྟེ་སློབ་དཔོན་རྒྱལ་བའི་ལྷ། 

༧༽ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། 

༨༽ སློབ་དཔོན་མར་མེ་མཛད་བཟང་པོ། 

༩༽ ལངྐ་རྒྱལ་བ་བཟང་པོ། 

༡༠༽ སློབ་དཔོན་དཔལ་འཛིན། 

༡༡༽ སློབ་དཔོན་བྷ་ཝ་བྷ་དྲ།

༡༢༽ སློབ་དཔོན་སྐལ་ལྡན་གྲགས་པ། 

༡༣༽ སློབ་དཔོན་ལ་ལི་ཏ་བཛྲ།

༡༤༽ སློབ་དཔོན་མི་ཐུབ་ཟླ་བ། 

༡༥༽ སློབ་དཔོན་ནག་པོ་དམ་ཚིག་རྡོ་རྗེ། 

༡༦༽ སློབ་དཔོན་ཏ་ཐ་ག་ཏ་རཀྵི་ཏ། 

༡༧༽ སློབ་དཔོན་བོ་དྷི་བྷ་དྲ། 

༡༨༽ སློབ་དཔོན་ཀ་མ་ལ་རཀྵི་ཏ། 

༡༩༽ ཤར་སྒོ་སྲུང་བ་རིན་ཆེན་འབྱུང་གནས་ཞི་བ།

༢༠༽ ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་བློ་གྲོས། 

༢༡༽ ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། 

༢༢༽ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ།

༢༣༽ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང། 

༤༽ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། 

༢༥༽ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ། 

༢༦༽ དུས་ཞབས་ཆུང་བ་རྒྱལ་སྲས་ནཱ་ལེནྡྲ་པ། 

༢༧༽ བླ་མ་རྡོ་རྗེ་གདན་པ་ཆེན་པོ། 

༢༨༽ སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ།

༢༩༽ ཀ་མ་ལ་ཀུ་ལི་ཤ་དང་།

༣༠༽ ན་རེནྡྲ་ཤྲཱི་ཛྙཱ་ན། 

༣༡༽ དཱ་ན་རཀྵི་ཏ། 

༣༢༽ ཤུ་བྷ་ཡཱ་ཀ་ར་གུཔྟ། 

༣༣༽ ན་ཡ་ཀ་པ་ཤྲཱི། 

༣༤༽ ཆོས་འབྱུང་ཞི་བ་བཅས་ཀྱི་རྣམ་ཐར།

༣༥༽ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། 

༣༦༽ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་།

༣༧༽ རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ།

༣༨༽ བལ་པོའི་པཎྜི་ཏ་མན་ཛ་གླིང་པ།

 

ནཱ་ལེནྡྲའི་མཁན་རབས་རིམ་བྱོན་གྱི་མཚན་གཞུང་།

༡ མཁན་པོའི་ཐོག་མ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ། ༢ དེའི་སློབ་མ་མགོན་པོ་ཀླུ་སྒྲུབ། ༣ དེའི་སློབ་མ་སློབ་དཔོན་འཕགས་ལྷ། ༤ ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ཀླུ་བོས། ༥ འཕགས་པ་ལྷའི་སློབ་མ་སྒྲ་གཅན་འཛིན་བཟང་པོ་ཆུང་བ། ༦ འཕགས་པ་ཐོགས་མེད་དང་། ༧ གཅུང་སློབ་དཔོན་དབྱིག་གཉེན། ༨ དབྱིག་གཉེན་གྱི་སློབ་དཔོན་ཁ་ཆེ་འདུས་བཟང་། ༩ དེའི་སློབ་མ་སློབ་དཔོན་ཕྱོགས་གླང་། ༡༠ དེ་རྗེས་ཟླ་གྲགས་ཀྱི་སློབ་དཔོན་ཟླ་བ་མགོན་པོ། ༡༡ དེའི་སློབ་མ་དཔལ་ལྡན་ཟླ་བ་གྲགས་པ། ༡༢ དཔལ་ལྡན་ཟླ་བ་གྲགས་ཀྱི་རྗེས་སུ་འཕགས་པ་ལྷ་དང་། འཕགས་པ་ཐོགས་མེད། གཅུང་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་བཅས་ཀྱི་སློབ་མ་དཔལ་ལྡན་ཆོས་སྐྱོང་གིས་མཁན་པོ་མཛད། ༡༣ དེའི་འོག་ཏུ་རྒྱལ་སྲས་ཞི་བ་ལྷའི་སློབ་དཔོན་རྒྱལ་བའི་ལྷས་མཁན་པོ་མཛད། ༡༤ སློབ་དཔོན་ཆོས་གྲགས། ༡༥ མཁན་ཆེན་ཞི་བ་འཚོ།

༡༦ སློབ་དཔོན་སེང་བཟང་གི་སློབ་མ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། ༡༧ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མ་མར་མེ་མཛད་བཟང་པོ། ༡༨ ལངྐ་རྒྱལ་བ་བཟང་པོ། ༡༩ སློབ་དཔོན་དཔལ་འཛིན། ༢༠ བྷ་ཝ་བྷ་དྲ། ༢༡ སྐལ་ལྡན་གྲགས་པ། ༢༢ ལ་ལི་ཏ་བཛྲ། ༢༣ མི་ཐུབ་ཟླ་བ། ༢༤ ནག་པོ་དམ་ཚིག་རྡོ་རྗེ། ༢༥ ཏ་ཐ་ག་ཏ་རཀྵི་ཏ། ༢༦ བོ་དྷི་བྷ་དྲ། ༢༧ ཀ་མ་ལ་རཀྵི་ཏ། ༢༨ མཁས་པ་སྒོ་དྲུག་ལས། དང་པོ། ཤར་སྒོ་སྲུང་བ་པཎ་ཆེན་རཏྣ་ཨ་ཀ་ར་ཤནྟི་པ་སྟེ་བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བ༢༩ གཉིས་པ། ལྷོ་སྒོ་སྲུང་བ་པྲཛྙ་ཀ་ར་གུཔྟ་སྟེ་ཤེར་འབྱུང་སྦས་པའམ། ཤེས་རབ་འབྱུང་གནས་བློ་གྲོས། ༣༠ གསུམ་པ། ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ། ༣༡ བཞི་པ། བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ། ༣༢ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་། ༣༣ ལྔ་པ། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། ༣༤ དྲུག་པ། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ༣༥ དཱི་པཾ་ཀ་ར་ཤྲཱི་ཛྙ་ན་སྟེ་ཇོ་བོ་རྗེ། ༣༦ བླ་མ་རྡོ་རྗེ་གདན་པ་ཆེན་པོ། ༣༧ ཀ་མ་ལ་ཀུ་ལི་ཤ་སྟེ་པདྨ་རྡོ་རྗེ། ༣༨ རྒྱལ་སྲས་ནཱ་ལེནྡྲ་པ། ༣༩ དཱ་ན་རཀྵི་ཏ། ༤༠ ཨ་བྷ་ཡཱ་ཀ་ར་སྟེ་འཇིགས་མེད་འབྱུང་གནས་སྦས་པ། ༤༡ ཤུ་བྷ་ཡཱ་ཀ་ར་གུཔྟ། ༤༢ ན་ཡ་ཀ་པ་ཤྲཱི། ༤༣ ཆོས་འབྱུང་ཞི་བ། ༤༤ པཎྜི་ཏ་རྡོ་རྗེ་མཚོན་ཆ། ༤༥ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། ༤༦ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་། ༤༧ རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ། ༤༨ བལ་པོའི་པཎྜི་ཏ་མན་ཛ་གླིང་པ། ༤༩ དཔལ་ལྡན་སྐྱོང་གི་གོང་དུ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་ཀྱང་མཁན་པོ་མཛད་པ་བཅས་པཎ་གྲུབ་སྙན་གྲགས་ཅན་ཞལ་གྲངས་ ༤༩ ཙམ་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་མཛད་འཁུར་བཞེས་ཚུལ་རྒྱལ་རབས་ཆོས་འབྱུང་སོགས་སུ་གསལ་བ་རྣམས་ཡིན་ལ། ད་དུང་མ་རྙེད་པའི་རིགས་ཀྱང་ཡོད་ངེས་པས་འདི་དག་ཏུ་མ་ཚུད་པ་ཇི་ཡོད་འཚོལ་ཞིབ་ཁ་སྐོང་ཞུ་དགོས་ལ། འདིར་བཀོད་པ་རྣམས་ཀྱང་བྱོན་སྔ་ཕྱི་སོགས་ཞིབ་པར་མ་རྙེད་པས་དཔྱད་གཞི་ཙམ་ལགས་ཤིང་། གོང་གསལ་དག་གི་ཁྲོད་ནས་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཞིབ་རྒྱས་ལོགས་སུ་བཀོད་ཡོད་པར་མ་ཟད། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་དང་། དམངས་རིགས་སྒྲ་གཅན་བཟང་པོ་ཆུང་བ། པཎྜི་ཏ་རྡོ་རྗེ་མཚོན་ཆ་བཅས་ཀྱི་རྣམ་ཐར་ཡང་ནཱ་ལེནྡྲའི་བྱུང་རབས་ལོ་རྒྱུས་ཀྱི་སྐབས་སོ་སོར་བཀོད་ཟིན་སྟབས་འདིར་མི་དགོས་པར་བྱས་ཐོག །དེ་འཕྲོས་རྣམས་ཀྱི་རྣམ་ཐར་སྙིང་བསྡུས་རེ་རིམ་པར་འགོད་པ་ལ།