རྒྱ་གར་གྱི་པཎྜི་ཏ་དཱ་ན་ཤཱི་ལའི་རྣམ་ཐར་སྙིང་བསྡུས།

དཱ་ན་ཤཱི་ལ། ༡ དཱ་ན་ཤཱི་ལ་སྔ་མ་ནི། དུས་རབས་བརྒྱད་པར་ཀསྨིར་འཁྲུངས་ཤིང་། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་ལ་གདན་དྲངས་པའི་དྲིན་ཅན་ལོ་པཎ་གསུམ་གྱི་ཡ་གྱལ། ཞེས་གསུངས་པ་དེ་ཡིན་ལ། ༢ དཱ་ན་ཤཱི་ལ་ཕྱི་མ་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་མ། ཁ་ཆེ་པཎ་ཆེན་དང་མཉམ་དུ་རབ་བྱུང་གསུམ་པའི་ཤིང་བྱི་ཕྱི་ལོ་ ༡༢༠༤ ལོར་བོད་དུ་བྱོན། ས་པཎ་གྱིས་དེ་རྣམས་ལས་སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་སྟེ་རིག་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་པས་ས་པཎ་གྱི་སློབ་དཔོན་དུ་གྱུར། ཆོས་འབྱུང་མཁས་པའི་དགའ་སྟོན་ ༥༢༤ དུ། ས་པཎ་གྱིས་དཱ་ན་ཤཱི་ལར་རང་གི་ལྕམ་མོ་ཞིག་ལས་རྒྱར་འབུལ་ཚུལ་ཡང་བཤད་ཡོད། དཱ་ན་ཤཱི་ལ་སྔ་ཕྱི་གཉིས་བྱུང་བ་ནི་བུ་སྟོན་ཆོས་འབྱུང་དུ་གསལ་བར་གསུངས་ཏེ། བོད་དུ་བྱོན་ནས་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དགུ་བཅུ་གོ་གསུམ་གྱི་མཚན་ཐོ་བུ་སྟོན་ཆོས་འབྱུང་དུ་གསལ་བ་ལས། དཱ་ན་ཤཱི་ལ་གྲངས་ ༡༧ པ་དང་། དཱ་ན་ཤཱི་ལ་གྲངས་ ༧༡ པ་གཉིས་གསུངས་སོ།།

One comment

  1. མཁན་ཆེན་ཞི་བ་འཚོས་བད་གདན་ཞུ་གནང་བའི་ནཱ་ལེནྡྲའི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་འདི་ཉིད་རྒྱུ་མཚན་དང་ལྡན་ཞིང་། ནང་ཆོས་འདི་ཉིད་མཁན་ཆེན་ཞི་འཚོས་རང་ཚོར་རྩིས་སྤྲོད་གནང་སྟེ། ནཱ་ལེནྡྲའི་འགྲོ་སྟངས་དེ་བཞིན་བསམ་བློ་བཏང་ནས་འགྲོ་བ་ལས། སྐྱབས་སུ་མཆིའོ་ཞེས་པ་དེ་གཅིག་པུ་མིན། དེར་བརྟེན་སློབ་སྦྱོང་བྱེད་དགོས། ཞེས་གསུངས།
    ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༡༥ ཉིན་པན་འཇབ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཅན་དྷི་སྒར་གཙུག་ལག་སློབ་ཁང་གི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ལ་བཀའ་སློབ་སྩལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *