བོད་ཡུལ་གྱི་ལོ་ཙཱ་བ་རིམ་བྱིན་གྱི་མཚན།

 རྩོམ་པ་པོ།   རིན་སྤུངས་ཉི་མ་དོན་གྲུབ། 

གངས་ལྗོངས་ལོ་ཙཱའི་ཚོམས་ཆེན་དུ། །རྟོགས་གྲུབ་ཤེས་བྱས་མཐའ་ཡས་ཤིང་། །འཆད་རྩོད་རྩོམ་ལ་རབ་མངའ་བའི། །སྐད་གཉིས་སྨྲ་བའི་བདག་ཉིད་ཅན། །དཔལ་ལྡན་རིག་འདྲེན་སྐྱེས་བུའི་ཚོགས། །ལོ་ཙཱའི་བྱེད་པོར་གསོལ་བ་འདེབས། །ཡི་གེའི་བྱེད་པོ་སམ་བྷོ་ཊ། །དྷ་མ་ཀོ་ཥ་ཧན་ཝན་ཧད། །ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། །ཧྭ་ཤང་མ་ཧྭ་དེ་ཝ་བཅས། །དུས་རབས་བདུན་པའི་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

དབུ་རུ་སྐ་བ་དཔལ་བརྩེགས་དང་། །འཁོན་རྒྱུད་ཀླུ་ཡི་དབང་པོ་དང་། །ཁྱུང་པོ་ཙེ་ཙེའི་མཚན་ཅན་དང་། །རྒྱལ་པོ་སད་ན་ལེགས་མཇིང་ཡོན། །ཁྲི་གཙུག་ལྡེ་བཙན་རལ་པ་ཅན། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། །མཁན་པོ་བོདྷི་ས་ཏྭ་དང་། །གྲགས་པའི་སྒྲོ་རྒྱུད་རིན་ཆེན་སྡེ། །ངན་ལམ་རྒྱལ་བ་མཆོག་དབྱངས་དང་། །མཆན་བུ་ལྡན་མ་རྩེ་མང་དང་། །གནུབས་རྒྱུད་ནམ་མཁའི་སྙིང་པོ་དང་། །སྣ་རྣམ་རྡོ་རྗེ་བདུད་འཇོམས་དང་། །ཞང་ལོ་སྣ་རྣམ་ཡེ་ཤེས་སྡེ། །སྐྱེ་མཆོག་དྲན་པ་ནམ་མཁའ་དང་། །ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། །གཉགས་ལོ་ཛྙ་ན་ཀུ་མཱ་ར། །དགེ་སློང་དྷརྨ་ཨ་ལོ་ཀ །དྷརྨ་ཏཱ་ཤཱི་ལ་དང་བཅས། །པ་གོར་བེེ་རོ་ཙ་ན་དང་། །དེ་བ་བཙན་དྲ་བབ་སྟོང་དང་། །མཁན་པོ་བི་མ་ལ་མི་ཏྲ། །བྱིན་གྱི་སྙིང་པོའི་བདག་ཉིད་དང་། །སྦ་གསལ་སྣང་དང་སྦ་རཏྣ། །བྲང་ཏི་ཚ་ཡ་རཀྴི་ཏ། །དབའས་མཉྫུཤྲི་དང་བཅས། །འབྲོག་མི་ཁྱིའུ་ཆུང་ལོ་ཙཱ་བ། །བྷ་ར་དྷ་ཛ་ཛྙ་དེ་བ། །རྨ་གཅོ་རིན་ཆེན་མཆོག་དང་ནི། །རྨ་གཅོ་རྣམ་པར་མི་རྟོག་པ། །རྨ་གཅོ་ཤཱཀྱ་འོད་དང་བཅས། །རྩངས་དེ་བེནྡྲ་རཀྴི་ཏ། །དམ་པ་འོག་གོམ་དབུས་གོང་དང་། །རླངས་རྒྱུད་ཁམས་པ་གོ་ཆ་དང་། །ལོ་ཙཱ་བ་ཆོས་ཉིད་ཚུལ་ཁྲིམས་དང་། །ཤུད་པུ་དཔལ་གྱི་སེང་གེ་དང་། །སློབ་དཔོན་པད་མ་འབྱུང་གནས་དང་། །མཁས་གྲུབ་ལྷ་ལུང་གླུ་གོང་དང་། །ལྕེ་ཁྱི་འབྲུག་དང་ལྷ་མཐོང་བཅས། །དུས་རབས་བརྒྱད་པའི་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

འགོས་ལོ་ཆོས་གྲུབ་དགེ་བ་དཔལ། །རྒྱལ་བ་ཤེས་རབ་ནམ་མཁའ་སྐྱོང་། །དཔལ་གྱི་ལྷུན་པོ་དཔལ་འབྱོར་དང་། །མཉྫུ་ཤྲཱི་ཝརྨ་བཟང་སྐྱོང་དང་། །མཁྱེན་རབ་ཡེ་ཤེས་སྙིང་པོ་བཅས། །དུས་རབས་དགུ་པའི་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་། །གྱི་ཇོ་ཟླ་བའི་འོད་ཟེར་དང་། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །སྟག་ལོ་གཞོན་ནུ་བརྩོན་འགྲུས་དང་། །ཚ་ལན་ཡེ་ཤེས་རྒྱལ་མཚན་དང་། །ལོ་ཆེན་རིན་ཆེན་བཟང་པོ་དང་། །ལྷ་བླ་ཡེ་ཤེས་འོད་དང་ནི། །ཁུ་དངོས་གྲུབ་དང་སྨྲི་ཏི་བཅས། །དུས་རབས་བཅུ་པའི་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

ཀམ་ཀམ་ཆོས་ཀྱི་ཡེ་ཤེས་དང་། །ཀྲེ་བོ་ཤེས་རབ་དཔལ་བ་དང་། །ཀློག་སྐྱ་གཞོན་ནུ་འབར་བ་དང་། །ཀློག་སྐྱ་ཤེས་རབ་བརྩེགས་པ་དང་། །བཀྲ་ཤིས་རྒྱལ་མཚན་ཁུ་ནེ་ཙོ། །སྐྱུ་ར་ཚུལ་ཁྲིམས་འོད་ཟེར་དང་། །ཁེར་གད་འཁོར་ལོ་གྲགས་པ་དང་། །ཁེར་གད་ཡོན་ཏན་དཔལ་བ་དང་། །དམ་པ་ཁྱུང་པོ་ཆོས་བརྩོན་དང་། །ཁུ་རྒྱུད་མདོ་སྡེ་འབར་དང་བཅས། །འཁོན་ཕུ་ཆོས་ཀྱི་རྒྱལ་པོ་དང་། །ག་རོད་ཚུལ་ཁྲིམས་འབྱུང་གནས་དང་། །མདོ་སྨད་གྱི་ལྗང་དབུ་དཀར་བ། །གླན་དར་མ་བློ་གྲོས་དང་། །མགར་ཆོས་ཀྱི་བཟང་པོ་དང་། །མགར་ཤེས་རབ་འབྱུང་གནས་དང་། །འགོས་ལོ་ཁུག་པ་ལྷ་བཙས་དང་། །རྒྱ་བརྩོན་འགྲུས་སེང་གེ་དང་། །རྒྱུས་སྨོན་ལམ་གྲགས་པ་དང་། །མངའ་བདག་རྩེ་ལྡེ་རྔོག་མདོ་སྡེ། །རྔོག་བུདྔྷ་པཱ་ལ་དང་བཅས། །རྔོག་ལེགས་པའི་ཤེས་རབ་དང་། །རྔོག་བློ་ལྡན་ཤེས་རབ་དང་། །ཅོག་གྲུ་ཏིང་འཛིན་བཟང་པོ་དང་། །ཅོག་གྲུ་མྱ་ངན་མེད་པ་དང་། །ཅོག་གྲུ་ཤེས་རབ་བླ་མ་དང་། །ཆོས་ཀྱི་ཡོན་ཏན་ལྕེ་བཀྲ་ཤིས། །ལྕེ་རྒྱུད་དགའ་བའི་དཔལ་བ་དང་། །མཆིངས་ཡོན་ཏན་འབར་བ་དང་། །འཇམ་དཔལ་གཞོན་ནུ་གཉན་བསོད་ནམས། །ཉི་མ་རྡོ་རྗེ་ཕུར་བུ་འོད། །གཉན་དར་མ་གྲགས་པ་དང་། །ལ་སྟོད་དིང་རི་ཆོས་གྲགས་དང་། །ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང་། །ནག་ཚོ་ཤེས་རབ་རྒྱལ་མཚན་དང་། །པ་ཚབ་ཉི་མ་གྲགས་པ་དང་། །པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་དང་། །དཔང་ཞོ་གསལ་བ་གྲགས་པ་དང་། །དཔྱལ་ཀུན་དགའ་གྲགས་པ་དང་། །བ་རི་ལོ་ཙཱ་ཆོས་གྲགས་དང་། །བ་རི་ལོ་ཙཱ་རིན་ཆེན་གྲགས། །བ་རེག་ཐོས་པ་དགའ་དང་བཅས། །བྱང་ཆུབ་འབྱུང་གནས་བྱ་གདོང་ཅན། །འབྲོ་རྒྱུད་ཤེས་རབ་གྲགས་པ་དང་། །འབྲོ་རྒྱུད་སེང་དཀར་ཤཱཀྱ་འོད། །འབྲོག་མི་ཤཱཀྱ་བློ་གྲོས་དང་། །འབྲོག་མི་ཤཱཀྱ་ཡེ་ཤེས་དང་། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་། །སྦལ་རྡོ་རྗེ་རྒྱལ་པོ་དང་། །མང་འོར་བྱང་ཆུབ་ཤེས་རབ་དང་། །མར་ཐུང་དད་པ་ཤེས་རབ་དང་། །མར་པ་ཆོས་ཀྱི་དབང་ཕྱུག །མར་པ་ཆོས་ཀྱི་བློ་གྲོས་དང་། །མལ་གྱོ་བློ་གྲོས་གྲགས་པ་དང་། །རྨ་བན་ཆོས་འབར་རྩེ་ལྡེ་དང་། །རྨ་གཅོ་དགེ་བའི་བློ་གྲོས་དང་། །ཙ་མི་སངས་རྒྱས་གྲགས་པ་དང་། །ཚུལ་ཁྲིམས་བརྩེགས་པ་ཨོང་པོ་དང་། །མཁྱེན་རབ་ཚུལ་ཁྲིམས་ཡོན་ཏན་དང་། །མཚུར་སྟོན་དབང་གི་རྡོ་རྗེ་དང་། །མཚུར་སྟོན་དབྱིག་གི་རྒྱལ་མཚན་དང་། །ཞ་མ་སེང་གེ་རྒྱལ་བ་དང་། །ཞང་རྒྱུད་ཤེས་རབ་བླ་མ་དང་། །མཁས་གྲུབ་གཞོན་ནུ་ཚུལ་ཁྲིམས་དང་། །གཞོན་ནུ་ཤེས་རབ་ར་བྱིད་དང་། །ཟངས་དཀར་འཕགས་པ་ཤེས་རབ་དང་། །གཟུ་རྒྱུད་དགའ་བ་རྡོ་རྗེ་དང་། །འ་ཞ་རྒྱ་གར་བརྩེགས་པ་དང་། །རབ་ཞི་བཤེས་གཉེན་སེ་ལོ་དང་། །མཁས་མཆོག་རིག་པ་གཞོན་ནུ་དང་། །རོང་ཟོམ་ཆོས་ཀྱི་བཟང་པོ་དང་། །ཤེས་རབ་ཡེ་ཤེས་རྭ་ཆོས་རབ། །རྭ་ལོ་རྡོ་རྗེ་གྲགས་པ་དང་། །ལོ་ཆུང་གྲགས་འབྱོར་ཤེས་རབ་དང་། །དམ་པ་དགེ་ཚུལ་ཁྱུང་གྲགས་དང་། །དམ་པ་ཆོས་ཀྱི་ཤེས་རབ་དང་། །ཤིའུ་བཛྲ་དེ་བ་ཤེས་རབ་སྐྱབས། །དམ་པ་ཤེས་རབ་བརྩོན་འགྲུས་དང་། །དམ་པ་ཤེས་རབ་ལེགས་པ་དང་། །མཁས་མཆོག་ཤཱཀྱ་བརྩོན་འགྲུས་དང་། །ཤྲཱི་དྷརྨ་ཀཱི་རྟི་དང་། །སུམ་པ་དཔལ་མཆོག་དང་པོའི་རྡོ་རྗེ། །སེ་རྩ་བསོད་ནམས་རྒྱལ་མཚན་དང་། །དམ་པ་བསོད་ནམས་རྒྱལ་བ་དང་། །བསོད་ནམས་བཟང་པོའི་མཚན་ཅན་དང་། །བཙུན་པ་བྱང་ཆུབ་འོད་དང་ནི། །ལྷ་བཙན་པོ་མུ་ནི་རཱ་ཛ་དང་། །ལྷ་ཞི་བ་འོད་དང་ལྷ་རིན་པོ་ཆེ། །ལྷ་ཡེ་ཤེས་རྒྱལ་མཚན་བཅས། །དུས་རབས་བཅུ་གཅིག་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་དང་། །ཁམས་པ་ལྡི་རི་ཆོས་གྲགས་དང་། །ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། །གློ་བོ་ཤེས་རབ་རིན་ཆེན་དང་། །རྒ་ལོ་གཞོན་ནུ་དཔལ་དང་བཅས། །བཅོམ་ལྡན་རིག་པའི་རལ་གྲི་དང་། །ཆག་ལོ་དགྲ་བཅོམ་རྦ་ཡེ་ཤེས། །གཉལ་རྒྱུད་མི་མཉམ་བཟང་པོ་དང་། །སྟེང་ལོ་ཚུལ་ཁྲིམས་འབྱུང་གནས་དང་། །གནུབས་རྒྱུད་ཚུལ་ཁྲིམས་ཤེས་རབ་དང་། །དཔྱལ་ལོ་ཆོས་ཀྱི་བཟང་པོ་དང་། །དཔྱལ་ལོ་པདྨོ་ཅན་དང་ནི། །འབྲོ་བྷིརྨ་བྷི་བཟང་པོ། །ཚོགས་ཆག་ཆུང་བ་ལྷ་བཙུན་པ། །ཞང་འོར་སྟོན་པ་ཤེས་རབ་བསོད་ནམས། །ཞང་ལོ་གྲུབ་པ་དཔལ་དང་བཅས། །མཁས་དབང་ཞང་ལོ་ཕུར་པ་སྐྱབས། །ས་སྐྱ་ཀུན་དགའ་རྒྱལ་མཚན་དང་། །བསོད་ནམས་སེང་གེ་དང་བཅས་པ། །དུས་རབས་བཅུ་གཉིས་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

ཁམས་པ་བློ་གྲོས་རྒྱལ་པོ་དང་། །འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། །རྒ་ལོ་རྣམ་རྒྱལ་རྡོ་རྗེ་དང་། །སྒེག་པའི་དཔལ་དང་ལོ་མཆོག་དང་། །ཆག་ལོ་ཆོས་རྗེ་དཔལ་དང་བཅས། །འཇམ་དཔལ་གོ་ཆ་གཉན་ཆུང་དང་། །ཐར་ལོ་ཉི་མ་རྒྱལ་མཚན་དང་། །ལྡན་མ་ཚུལ་ཁྲིམས་སེང་གེ་དང་། །སྣར་ཐང་བསོད་ནམས་འོད་ཟེར་དང་། །དཔང་ལོ་བློ་གྲོས་བརྟན་པ་དང་། །བླ་མ་རིན་ཆེན་གྲགས་གུ་ཤྲཱི། །མཁས་མཆོག་དབང་ཕྱུག་རྒྱལ་མཚན་དང་། །འབྲོག་མི་ཇོ་སྲས་མཚན་ཅན་དང་། །དགེ་སློང་ཚུལ་ཁྲིམས་བཀྲ་ཤིས་དང་། །རིན་ཆེན་རྒྱལ་མཚན་དམ་པའི་ཞབས། །དམ་པ་ལེགས་པའི་བློ་གྲོས་དང་། །ལོ་ཆེན་ནམ་མཁའ་བཟང་པོ་དང་། །ཤུད་ཀེ་གྲགས་པ་རྒྱལ་མཚན་དང་། །ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་། །ཤོང་ལོ་བློ་གྲོས་བརྟན་པ་དང་། །ཤབ་སྨད་ཐུགས་རྗེ་དཔལ་དང་བཅས། །དུས་རབས་བཅུ་གསུམ་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

སྐྱོབ་པ་དཔལ་བཟང་ཙན་དྲ་དང་། །མཁའ་འགྲོ་རྡོ་རྗེ་གཞོན་ནུ་མཆོག །གླན་ཆུང་དར་མ་ཚུལ་ཁྲིམས་དང་། །དགེ་སློང་འཕགས་པ་གཞོན་ནུ་འོད། །འགོས་ལོ་གཞོན་ནུ་དཔལ་དང་ནི། །མངའ་རིས་རྡོ་རྗེ་དཔལ་གྱི་ཞབས། །དམ་པ་ཆོས་ཀྱི་རྒྱལ་མཚན་དང་། །ཆོས་འཁོར་འཇམ་དཔལ་ཡེ་ཤེས་དང་། །འཇམ་དཔལ་སྒེག་པའི་རྡོ་རྗེ་དང་། །འཇམ་དབྱངས་རལ་གྲིའི་མཚན་ཅན་དང་། །སྒྲ་སྒྱུར་ཐུགས་རྗེ་དཔལ་བཟང་པོ། །སྒྲ་སྒྱུར་ནམ་མཁའ་རྡོ་རྗེ་དང་། །སྣར་ཐང་སམ་གྷ་ཤྲཱི་དང་བཅས། །པུ་རངས་བསོད་ནམས་བློ་གྲོས་དང་། །ཁྱུ་མཆོག་བུ་སྟོན་རིན་ཆེན་གྲུབ། །ལོ་ཙཱ་སྦྱིན་པ་ཚུལ་ཁྲིམས་དང་། །དམ་པ་མེ་ཉག་ཆེན་པོ་དང་། །ཚལ་པ་ཀུན་དགའ་རྡོ་རྗེ་དང་། །ལོ་ཙཱ་ཚུལ་ཁྲིམས་གཞོན་ནུ་དང་། །ཚུལ་དགེ་རིན་ཆེན་དཔལ་གྱི་ཞབས། །དམ་པ་འོར་སྟོན་ཆོས་འབྱུང་དང་། །ཡར་ལོ་གྲགས་པ་རྒྱལ་མཚན་དང་། །ཡེ་ཤེས་རྡོ་རྗེ་དང་བཅས་པ། །སྐྱེ་མཆོག་ཡེ་ཤེས་སེམས་དཔའ་དང་། །གཡུང་དྲུང་སྙིང་པོའི་མཚན་ཅན་དང་། །རབ་མཆོག་དཔལ་བཟང་དམ་པ་དང་། །ལོ་ཆེན་བྱང་ཆུབ་རྩེ་མོ་དང་། །ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་དང་། །ས་བཟང་བློ་གྲོས་རྒྱལ་མཚན་དང་། །ཨཱ་ཙཱརྱ་རིན་ཆེན་མཆོག །ཀུན་མཁྱེན་བསོད་ནམས་རྣམ་རྒྱལ་དང་། །བསོད་ནམས་བཟང་པོ་དང་བཅས་པ། །དུས་རབས་བཅུ་བཞིའི་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

སྐྱོགས་ལོ་ངག་དབང་རིན་བཀྲ་དང་། །ཁྲིམས་ཁང་བསོད་ནམས་རྒྱ་མཚོ་དང་། །དགེ་བཤེས་སྟོན་གཞོན་དགེ་སློང་འོད། །ཆོས་ཀྱི་ཡོན་ཏན་རྒྱ་མཚོའི་སྡེ། །སྟག་ཚང་ཤེས་རབ་རིན་ཆེན་དང་། །ཀུན་མཁྱེན་དཔལ་ཁང་ལོ་ཙཱ་བ། །བླ་བན་ཆོས་ཀྱི་བརྩོན་འགྲུས་དང་། །རྩེད་ཐང་གཞོན་ནུ་དཔལ་དང་བཅས། །ཞྭ་ལུ་ཆོས་སྐྱོང་བཟང་པོ་དང་། །ཞྭ་ལུ་ཡེ་ཤེས་རྒྱ་མཚོ་བཅས། །དུས་རབས་བཅོ་ལྔའི་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

དུས་རབས་བཅུ་དྲུག་རིང་བྱོན་པའི། །འདར་ལོ་ངག་དབང་ཕུན་ཚོགས་ཀྱི། །ལོ་ཙཱའི་འཕྲིན་ལས་བཟང་པོ་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

མདོ་མཁར་ཚེ་རིང་དབང་རྒྱལ་དང་། །ཛཱ་ཡ་བློ་བཟང་འཕྲིན་ལས་དང་། །ལོ་ཆེན་དྷརྨ་ཤྲཱི་དང་བཅས། །སི་ཏུ་ཆོས་ཀྱི་འབྱུང་གནས་ཞབས། །དུས་རབས་བཅུ་བདུན་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། །ཆ་ཧར་བློ་བཟང་ཚུལ་ཁྲིམས་བཅས། །དུས་རབས་བཅོ་བརྒྱད་རིང་བྱོན་པའི། །ལོ་ཙཱ་བ་ཡི་འཕྲིན་ལས་ལ། །གུས་པའི་ཕྱག་འཚལ་སྤྱི་བོས་མཆོད། །

འགྲོ་བའི་དོན་ལ་བརྩོན་པའི་གནས། །ཕུན་ཚོགས་ཡོན་ཏན་ཀུན་འདྲེན་གཞི། །ལེགས་ཚོགས་དངོས་གྲུབ་ཀུན་འབྱུང་གནས། །ལོ་པཎ་རྣམས་ལ་ཕྱག་འཚལ་ལོ། །

༼འདིའི་ནང་འབྲེལ་ཡོད་དཔེ་དེབ་དཔྱད་གཞིར་བཟུང་ནས་དུས་རབས་བདུན་པ་ནས་དུས་རབས་བཅོ་བརྒྱད་བར་གྱི་བོད་དུ་བྱུང་བའི་ལོ་ཙཱ་བའི་མཚན་གང་ཐུབ་ཀྱིས་བསྒྲིགས་ཡོད་མོད། གཏན་གཏན་ཆད་ལྷག་ཡོད་སྲིད་པས། མཁྱེན་ལྡན་རྣམས་ལ་དཔྱད་གཞི་དང་བཅས་མ་འདང་བའི་ཆ་གསབ་པར་མཛོད་རོགས་ཞུའོ།།༽1

1 ཡོང་ཁུངས། དགེ་ལུགས་པའི་དྲ་བ། http://www.tb1025.cn/jx/2019-02-04/3137.html

Leave a Reply

Your email address will not be published. Required fields are marked *