༦༽ ལོ་ཙཱ་བ་བནྡེ་གཞོན་ནུ་ཤེས་རབ།

༦༽ ལོ་ཙཱ་བ་བནྡེ་གཞོན་ནུ་ཤེས་རབ།

 

ལོ་ཙཱ་བ་བནྡེ་གཞོན་ནུ་ཤེས་རབ་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་། འདུལ་བའི་ཆོས་གཞུང་བཅས་ལ་ཐོས་བསམ་མཛད།

དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ། བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།[1]

སྒྱུར་རྩོམ་ནི་བསྟན་འགྱུར་ལས། རལ་པ་གཅིག་མ་དམར་མོའི་བྱིན་རླབས་ཀྱི་ཆོ་ག་ནག་པོ་སྤྱོད་པ་བས་མཛད་པ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་ཡི་གེ་བརྒྱ་པ་དང་། ཡི་གེ་བརྒྱ་པ་ཞེས་བྱ་བའི་འགྲེལ་པ་གཉིས་དཔལ་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བནྡེ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བའོ།།[2]

 

 

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག ༢༩༣

[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༦༡

Leave a Reply

Your email address will not be published. Required fields are marked *