༣༽ ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥ།

༣༽ ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥ།

 

བོད་ཀྱི་ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥ་ནི། (ཛྙཱ་ན་དེ་ཝ་ཀོ་ཥའམ། ཛྙཱ་དེ་བ་ཡང་ཞུ།) ཕྱི་ལོའི་དུས་རབས་བརྒྱད་པའི་ནང་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། ལོ་ཙཱ་བ་འདི་ཉིད་རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་སྟེ་མཁན་ཆེན་ཞི་བ་འཚོ་དང་དུས་མཉམ་དུས་རབས་བརྒྱད་པར་བྱོན་པ་ཞིག་ཡིན།

སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ། བོད་ཀྱི་ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྒྲ་སྒྱུར་གྱི་ལོ་ཙཱ་བ་འདི་པས་བསྒྱུར་བའི་འགྱུར་གཞུང་ཡང་འདི་ལས་གཞན་མཇལ་རྒྱུ་མི་སྣང་ལ། ཆོས་འབྱུང་སོགས་སུ་ལོ་ཙཱ་བ་འདི་ཉིད་ཀྱི་མཚན་ཙམ་ལས་རྣམ་ཐར་ཡང་མི་གསལ་བས་བློ་ཕམ་གྱི་གནས་ལས་མ་འདས་སོ།།

Leave a Reply

Your email address will not be published. Required fields are marked *