༄༅། །འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བསྟོད་པ།

༄༅། །འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བསྟོད་པ།[1]

༼ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པ།༽

 

ན་མོ་མཉྫུ་ཐཱ་ཡཱ། ཤེས་བྱའི་མཁའ་ལ་རྣམ་དག་མཁྱེན་པའི་དཔལ། །བདེན་གཉིས་རྣམ་འབྱེད་ཉི་ཟླའི་འོད་ཤར་བས། །མི་ཤེས་མུན་སེལ་བསྟན་པའི་སྒྲོན་གྱུར་པ། །སློབ་དཔོན་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །སྔོན་ཚེ་ཐུབ་སྲས་ཐུ་བོ་ལིད་ཙ་བྱི། །ལྔ་བྱའི་ཐོག་མར་རྨ་བྱའི་རིག་འཛིན་རྒྱུར། །མ་འོངས་སངས་རྒྱས་ཡེ་ཤེས་བླ་མའི་འོད། །འགྲོ་བའི་གཉེན་གཅིག་ཁྱོད་ལ་ཕྱག་འཚལ་ལོ། །

བསྟན་པའི་སྙིང་པོ་སྟོང་ཉིད་ང་རོ་ཡིས། །ལྟ་ངན་རི་བསྙིལ་མ་ལུས་སྐྲག་མཛད་ཅིང་། །གསུང་རབ་པདྨོའི་ཚལ་བརྒྱ་ཁ་འབྱེད་པ། །སེང་ཆེན་ཉི་མ་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་འབྱུང་རང་བཞིན་གདོད་ནས་སྐྱེ་མེད་པ། །བརྩེ་བས་རབ་བརླན་བྱང་ཆུབ་སེམས་སྟོང་བསྒྲུབས། །རྗེས་འཇུག་གཞན་ལས་ཁྱད་པར་དོན་གསུམ་གྱིས། །འཕྲིན་ལས་རྒྱུན་མི་ཆད་ལ་ཕྱག་འཚལ་ལོ། །ས་གསུམ་དབང་ཕྱུག་ནམ་མཁའ་མཛོད་མཉེས་ཤིང་། །གསལ་མཛེས་པདྨོའི་སྦུབས་ལས་སྐུ་བལྟམས་ནས། །ཡ་ངའི་དུས་སུ་བསྟན་པའི་ཁུར་བཞེས་པ། །ཨརྱ་དེ་ཝའི་ཞབས་ལ་ཕྱག་འཚལ་ལོ། །སྨོན་ལམ་སྟོབས་ཅན་ལྷ་དང་བླ་མ་ཡིས། །བྱིན་བརླབས་རྡོ་རྗེ་འཇིག་ཚོགས་རི་བསྙིལ་ནས། །རིག་འཛིན་མཆོག་གྲུབ་རྡོ་རྗེའི་སྐུ་བརྙེས་པ། །རྒྱལ་སྲས་ཀླུའི་བྱང་ཆུབ་ཞབས་ལ་འདུད། ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བསྟོད་པ་ལོ་ཙཱ་བ་མཻ་ཏྲི་ཤྲཱིས་སྦྱར་བ་རྫོགས་སོ།།

[1] ཁྲོ་ཕུ་བྱམས་པའི་དཔལ་གྱི་མན་ངག་བརྒྱ་རྩ། དར་ཐང་དེབ་གཟུགས། ཤོག་གྲངས་ ༥༠༤  ནས་ ༥༠༥ བར་གསལ་ལོ།།

Leave a Reply

Your email address will not be published. Required fields are marked *