༄༅། །མཁན་ཆེན་བླ་རྣལ་བདུད་རྩིའི་ཆར་རྒྱུན་བཞུགས་སོ།།

 

༄༅། །མཁན་ཆེན་བླ་རྣལ་བདུད་རྩིའི་ཆར་རྒྱུན་བཞུགས་སོ།།[1]

༼གཏེར་ཆེན་རིག་འཛིན་ཉི་མས་ (འཁྲུངས་དུས།1931) མཛད་པ།༽

 

ཨ༔ བདག་སྣང་མི་དམིགས་གཞི་རྩ་ཀུན་དང་བྲལ༔ མཚན་འཛིན་རྟོག་པའི་དྲ་བ་དབྱིངས་སུ་ནུབ༔ མི་ཤིག་ཆོས་བདུན་ཚང་བའི་པཎྜི་ཏ༔ ཕྱག་གཡས་སྐྱབས་སྦྱིན་གཡོན་པས་པོ་ཏི་འཛིན༔ ཞབས་གཉིས་དཀྱིལ་ཀྲུང་པདྨའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་འོད་ཟེར་དབུ་ལ་འབེབས༔ གདུལ་བྱའི་ཤེས་རྒྱུད་བྱིན་གྱིས་བརླབས་པ་དང་༔ བྱང་ཆུབ་སེམས་གཉིས་འབྱུང་བར་བྱིན་གྱིས་རློབས༔

བདག་འཛིན་འཁྲུལ་བའི་དྲི་མ་དབྱིངས་སུ་སངས༔ མཐར་ཐུག་ཕུང་ལྔ་ཡེ་ཤེས་དབྱིངས་སུ་དག༔ སྣང་གྲགས་རིགས་གསུམ་ལྷ་སྔགས་འཁོར་ལོ་སད༔ ཨོཾ་མཧཱ་གུ་རུ་བོདྷི་ས་ཏྭ་རཀྵི་སརྦ་སིདྡྷི་ཧཱུཾ༔ ཅི་འགྲུབ་བཟླས་མཐར༔ ཧྲཱི༔ སྣང་སྲིད་མཁའ་ལྟར་དག་པའི་མཆོད་པ་འབུལ༔ གཉིས་མེད་འཛིན་བྲལ་དོན་གྱིས་བསྟོད་པར་བགྱི༔ ཕྱི་ནང་གསང་གསུམ་རྩ་རླུང་ཐིག་ལེའི་ཁམས༔ ཀུན་བཟང་ཀློང་ཡངས་ཆེན་པོར་དབྱེར་མེད་གྱུར༔ ཨ་ཨ་ཨཱ༔ ཅེས་མཉམ་པར་བཞག་ཅིང་དགེ་བ་བསྔོ་བར་བྱའོ། །དགོས་མཁོའི་ཕྱིར་སུརྱའི་མིང་གིས་སོ།།   །།

 

[1] རིག་འཛིན་ཉི་མའི་གཏེར་འབུམ། པོད། ༼ཨ་པ།༽ དབུ་མེད། ཤོག་གྲངས་ ༤༩ ནས་ ༥༨ བར།

Leave a Reply

Your email address will not be published. Required fields are marked *