༄༅། །དཔལ་ཆོས་ཀྱི་གྲགས་པའི་བླ་རྣལ་ཚངས་དབྱངས་འབྲུག་སྒྲ་བཞུགས།

 

༄༅། །དཔལ་ཆོས་ཀྱི་གྲགས་པའི་བླ་རྣལ་ཚངས་དབྱངས་འབྲུག་སྒྲ་བཞུགས།[1]

 

༼ གཏེར་ཆེན་རིག་འཛིན་ཉི་མས་ (འཁྲུངས་དུས།1931-?) མཛད་པ།༽

 

ཨེ་མ་ཧོ༔ མདུན་མཁའ་དག་པའི་ཕོ་བྲང་ན༔ དབྱིངས་རིག་དབྱེར་མེད་དགའ་རབ་རྗེ༔ ཐུགས་ཀར་མཚོན་འཁོར་གྲུ་བཞིའི་དབུས༔ པཎ་ཆེན་ཆོས་ཀྱི་གྲགས་པ་ནི༔ སྐུ་མདོག་སྔོ་སྐྱ་པཎྜི་ཏ༔ ཆ་བྱད་རིག་པའི་གཏེར་སྒོ་ལས༔ ལུང་རིགས་ཆོས་ཀྱི་མཛོད་སྒོ་འབྱེད༔ ཤེས་བྱས་རྨོངས་པ་ཁོང་ནས་འབྱིན༔ མ་རིག་གཏི་མུག་གཉིད་ལས་སད༔ འཇམ་དཔལ་རྣོན་པོ་རལ་གྲི་ཅན༔

ཕྱི་རོལ་རྒོལ་བ་དྲུངས་ནས་འབྱིན༔ རྙིང་བསྟན་བླ་ནས་བླ་རུ་མཐོ༔ སྒྲིབ་གཡོག་བྲལ་བའི་ཤིས་པ་སྩོལ༔ ཨོཾ་མ་ཧཱ་གུ་རུ་དྷརྨཱ་ཀཱིརྟི་བཛྲ་ཏཱིཀྵྞ་ཝ་ར་དཱ་མེ་སྭཱ་ཧཱ༔ ཅི་འགྲུབ་བཟླས་མཐར༔ རང་རིག་གནས་གྱུར་ཕྱག་རྡོར་ཞབས་གཉིས་པ༔ ཞལ་གཅིག་ཕྱག་གཉིས་མེ་དཔུང་ཀློང་ན་བགྱིང་༔ གཡས་པས་རྡོ་རྗེ་དུག་གསུམ་ཉོན་འཁྲུལ་སྦྱངས༔ གཡོན་པས་ཞགས་པས་ཁམས་གསུམ་རྟོག་པ་བཅིངས༔ ཟིལ་གནོན་རྒྱལ་པོའི་སྐུ་གསུང་ཐུགས་གསུམ་ལ༔ དུག་གསུམ་ཉོན་འཁྲུལ་ཡེ་ཤེས་དབྱིངས་སུ་བསྒྱུར༔ གཉིས་མེད་འཛིན་བྲལ་ཆེན་པོའི་ཀློང་དུ་ཨཱ༔ ཞེས་ལྟ་བའི་གདེང་དང་ལྡན་པས་གཞན་སྣང་ཟིལ་གྱིས་གནོན་པས་དངོས་གྲུབ་ཀྱི་བདག་པོ་ཆེན་པོར་གྱུར་པར་གདོན་མི་ཟའོ། །མཆོག་གྲུབ་ཀྱིས་ངོར་སུརྱའི་མིང་གིས་སོ།།  །།

[1] རིག་འཛིན་ཉི་མའི་གཏེར་འབུམ། པོད། ༼ཨ་པ།༽ དབུ་མེད། ཤོག་གྲངས་ ༤༩ ནས་ ༥༨ བར།

Leave a Reply

Your email address will not be published. Required fields are marked *